生命的呼唤 - 桑杰才让
ཚེ་སྲོག་གི་རྒྱང་འབོད།
གཞས་པ། སངས་རྒྱས་ཚེ་རིང་།
༡ཤར་སྟོད་ཤར་ནས་ཕེབས་པའི།
ཤར་གྱི་ཁྲི་གདུགས་ཉི་མ།
ཤར་ནས་ནུབ་ལ་མ་ཕེབས།
དགུང་གི་དཀྱིལ་ལ་བཞུགས་རོགས།
འཛམ་གླིང་ས་ཆུ་འཛིན་མཁན།
ཁྱེད་ལས་ལྷག་པ་མི་འདུག
༢ཤར་སྟོད་ཤར་ནས་ཕེབས་པའི།
ཤར་གྱི་དུང་གསལ་ཟླ་བ།
ཤར་ནས་ནུབ་ལ་མ་ཕེབས།
དགུང་གི་དཀྱིལ་ལ་བཞུགས་རོགས།
འཛམ་གླིང་མུན་པ་སེལ་མཁན།
ཁྱེད་ལས་ལྷག་པ་མི་འདུག
༣ཤར་སྟོད་ཤར་ནས་ཕེབས་པའི།
ཤར་གྱི་སྐར་མ་སྨིན་དྲུག།
ཤར་ནས་ནུབ་ལ་མ་ཕེབས།
དགུང་གི་དཀྱིལ་ལ་བཞུགས་རོགས།
འཛམ་གླིང་ནམ་ཚོད་འཛིན་མཁན།
ཁྱེད་ལས་ལྷག་པ་མི་འདུག།
འཛམ་གླིང་ནམ་ཚོད་འཛིན་མཁན།
ཁྱེད་ལས་ལྷག་པ་མི་འདུག།